བེད་སྤྱོད་བྱེད་སྟངས་ཀྱི་སྒྲིག་གཞི།

འདི་ལས་ལྡོག་སྟེ་དངོས་སམ་ཤུགས་ཀྱིས་བསྟན་ཡོད་ན་མ་གཏོགས། གནའ་བོའི་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་ (Classical Tibetan Arts) གྱི་དྲ་རྒྱ་དང་དྲ་རྒྱའི་ནང་དོན་གྱི་བདག་དབང་ནི་དབྱིན་ཡུལ་དུ་ཡོད་པའི་རོགས་སྐྱོར་ཚོགས་པའི་ངོ་བོར་དེབ་སྐྱེལ་བྱས་པའི་ཤར་ཕྱོགས་སྒྱུ་རྩལ་དང་རིག་གཞུང་ཐེབས་རྩ་ཚོགས་པ་ ༼རོགས་ཚོགས་ཨང་། 287817 ༽ ཡིན། འཛིན་སྐྱོང་འདིའི་ལས་ཁུངས་ཀྱི་ཁ་བྱང་ནི་ Suite 214, Edgar Buildings, George Street, Bath, BA1 2FJ, England ཡིན། དྲ་རྒྱ་འདི་ཡི་ནང་དོན་གྱི་པར་དབང་ནི་ཤར་ཕྱོགས་སྒྱུ་རྩལ་དང་རིག་གཞུང་ཐེབས་རྩ་ཚོགས་པ། ཡང་ན་ཚོགས་པ་འདི་ཡིས་སྤྲད་པའི་ཆོག་མཆན་ལག་འཁྱེར་ཡོད་པ་རྣམས་ལ་ཡོད།

ཤར་ཕྱོགས་སྒྱུ་རྩལ་དང་རིག་གཞུང་ཐེབས་རྩ་ཚོགས་པས་དྲ་རྒྱ་འདི་བེད་སྤྱོད་བྱས་པ་དང་དྲ་ཐོག་གི་མཐུན་རྐྱེན་རྣམས་དེབ་སྐྱེལ་བྱེད་པར་ཁྱེད་ཀྱིས་གཤམ་དུ་བཀོད་པའི་བེད་སྤྱོད་བྱེད་སྟངས་ཀྱི་སྒྲིག་གཞིའི་ཆ་རྐྱེན་རྣམས་ངོས་ལེན་བྱས་པ་མཚོན་གྱི་ཡོད། སྒྲིག་གཞི་ཆ་རྐྱེན་རྣམས་ངོས་ལེན་མི་བྱེད་པ་ཚོར་དྲ་རྒྱ་འདི་བེད་སྤྱོད་གཏོང་བའམ་མུ་མཐུད་དུ་བེད་སྤྱོད་གཏོང་བའི་དབང་ཚད་མེད།

བེད་སྤྱོད་ཀྱི་ཆ་རྐྱེན་སྒྲིག་གཞི་རྣམས་ང་ཚོས་དུས་སྐབས་གང་དུའང་བསྐྱར་བཅོས་བྱ་སྲིད་ལ། བསྐྱར་བཅོས་བྱས་པ་དེ་དྲ་རྒྱ་འདིའི་ནང་དུ་འགྲེམ་སྤེལ་བྱས་པ་ནས་བཟུང་ཁྲིམས་ཐོག་ལག་བསྟར་བྱེད་ཆོག་པའི་ནུས་ཤུགས་ཅན་དུ་འགྱུར་རྒྱུ་རེད། གལ་སྲིད་བེད་སྤྱོད་གཏོང་སྟངས་ཀྱི་སྒྲིག་གཞིའི་ཆ་རྐྱེན་ཐད་དྲི་བ་ཡོད་ན་ང་ཚོར་གློག་ཕྲིན་ཁ་བྱང་ admin [at]orient.org དང་ཡང་ན་སྦྲག་ཐོག་ཁ་བྱང་བརྒྱུད་The Secretary, Suite 214, Edgar Buildings, George Street, Bath, BA1 2FJ, England འབྲེལ་གཏུགས་གནང་རོགས།

དཀར་ཆག་རེའུ་མིག་གི་སྒྲོམ་གཞི་དང་། དཀར་ཆག་ངོ་སྤྲོད། སྙིང་བསྡུས་སམ་མཚོན་བྱེད་བཅས་ལ་དྲ་རྒྱ་འདི་བེད་སྤྱོད་བྱེད་མཁན་ཚང་མས་རིན་མེད་ཀྱིས་འཛུལ་ཞུགས་དང་བེད་སྤྱོད་བྱེད་ཆོག

བརྒྱུད་ལམ་གྱི་བརྗོད་བྱ་དངོས་རྣམས་༼གཤམ་དུ་“ནང་དོན་གྲུབ་ཆ་”ཞེས་ ༽ནི་ཆོག་མཆན་ཡོད་པའི་བེད་སྤྱོད་གཏོང་མཁན་ཁོ་ནས་བེད་སྤྱོད་བྱེད་ཆོག ཆོག་མཆན་ཡོད་པའི་བེད་སྤྱོད་བྱེད་མཁན་ཞེས་པའི་མཚན་ཉིད་ནི།

གང་ཟག་གང་ཞིག་ང་ཚོའི་ཚོགས་པར་ཚོགས་ཞུགས་བྱས་པའི་སྒྲིག་འཛུགས་གང་ཞིག་གི་ད་ལྟའི་སློབ་ཕྲུག་གམ གཙུག་ལག་སློབ་གྲྭའི་ཚོགས་མི། དཔེ་མཛོད་དོ་དམ་པ། ཡང་ན་ལས་བྱེད་ཡིན་པའི་ཆ་ནས་དེའི་ཁོངས་གཏོགས་ཡིན་ཞིང་། སྒྲིག་འཛུགས་དེའི་སྲུང་སྐྱོབ་གཏན་པོ་ཡོད་པའི་དྲ་རྒྱའི་ལམ་ནས་གནའ་བོའི་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་རིག་མཛོད་དུ་འཛུལ་ཞུགས་དང་བེད་སྤྱོད་བྱེད་པར་ཆོག་མཆན་ཡོད་པ་ཞིག་ལ་ཟེར། ཡང་ན།

གློག་ཕྲིན་གྱི་ཐོག་ནས་ཚོགས་ཞུགས་བྱས་པའི་གློག་རྡུལ་གྱི་ཚད་ལྡན་ཆོག་མཆན་ཡོད་པའི་གང་ཟག་ཞིག་ལ་ཟེར། ཡང་ན།

སྒེར་གྱི་སོ་སོའི་ད་ལྟའི་ཚོགས་མི་རྣམས་ལ་གནའ་བོའི་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་རིག་མཛོད་དུ་འཛུལ་ཞུགས་དང་བེད་སྤྱོད་བྱེད་ཆོག་པའི་ཆོག་མཆན་གོ་སྒྲིག་བྱས་ཡོད་པའི་ཚོགས་པ་གང་ཞིག་གི་ཚོགས་མི་ཡིན་པའི་གང་ཟག་ཞིག་ལ་ཟེར།

དྲ་རྒྱ་འདིར་འཛུལ་ཞུགས་དང་བེད་སྤྱོད་བྱེད་སྟངས།

དྲ་རྒྱ་འདི་དང་འདིའི་ནང་དོན། འདི་དང་འབྲེལ་བའི་ཚན་རྩལ་འཕྲུལ་རིག་གི་སྒྲོམ་གཞི་ཚང་མའི་ཤེས་ཡོན་ཐོན་ཁུངས་ཀྱི་བདག་དབང་ནི་ང་ཚོར་དབང་ལ་བེད་སྤྱོད་ཀྱི་ཆོག་མཆན་ལག་འཁྱེར་ཡང་ང་ཚོར་ཡོད། ནང་དོན་གྲུབ་ཆ་རྣམས་ཀྱི་པར་དབང་ནི་ཤར་ཕྱོགས་སྒྱུ་རྩལ་དང་རིག་གཞུང་ཐེབས་རྩ་ཚོགས་པར་ཡོད་པའམ་པར་དབང་ཡོད་པའི་དོ་བདག་ལས་ང་ཚོས་ཆོག་མཆན་ལག་འཁྱེར་ཞུས་ནས་དཔར་སྐྲུན་ཞུ་དགོས། བེད་སྤྱོད་བྱེད་མཁན་རྣམས་ནས་པར་དབང་ཡོད་པའི་དོ་བདག་རྣམས་དང་མཉེན་ཆས་དོ་བདག་གི་ཤེས་ཡོན་ཐོན་ཁུངས་ཀྱི་བདག་དབང་དང་། ནང་དོན་གྲུབ་ཆའི་རྩོམ་པ་པོ་རྣམས་ཀྱི་བཟང་སྤྱོད་ཀྱི་ཐོབ་ཐང་བཅས་ལ་རྩིས་མེད་རྡོག་རོལ་མི་གཏོང་བའི་ཁས་ལེན་བྱེད་དགོས།

གལ་སྲིད་ནང་དོན་གྲུབ་ཆ་རྣམས་ལ་བཀོད་པའི་ཚོང་རྟགས་དང་། པར་དབང་གི་རྟགས། དེ་བཞིན་བདག་དབང་གི་རྟགས། གཞན་རྟགས་ཡོངས་རྫོགས་སམ་ཆ་ཤས་སུབ་པའམ་མེད་པར་མ་བཟོས་ཚེ། དྲ་རྒྱ་འདིའི་ནང་ཡོད་པའི་དེ་འདྲའི་ནང་དོན་གྲུབ་ཆ་རྣམས་སྒེར་གྱི་སློབ་སྦྱོང་གི་ཆེད་དང་དེབ་སྐྱེལ་བྱས་པའི་ཁྱེད་ཀྱི་ཚོགས་པས་ནང་ཁུལ་འགྲེམས་སྤེལ་ཆེད་བེད་སྤྱོད་དང་ཕབ་ལེན་བྱེད་ཆོག དྲ་རྒྱ་འདིའི་ཆ་ཤས་གང་ལའང་འཛུལ་ཞུགས་དང་བེད་སྤྱོད་བྱེད་པར་གཤམ་གསལ་དོན་ཚན་རྣམས་མི་བྱེད་པའི་ཁས་ལེན་བྱེད་དགོས།

༡༽ཆོག་མཆན་མེད་པའི་བེད་སྤྱོད་བྱེད་མཁན་ཞིག་གི་ཆེད་དུ་ནང་དོན་གྲུབ་ཆ་རྣམས་རིམ་གྱིས་པར་ཤུས་བྱེད་པའམ་ཕབ་ལེན་བྱེད་པ། ནང་དོན་གྲུབ་ཆའི་ཆ་ཤས་གང་ཡང་ཐབས་ལམ་གཞན་གྱིས་སྤྲོད་ལེན་བྱེད་པ།

༢༽པར་ཤུས་རྣམས་ཆོག་མཆན་མེད་པའི་བེད་སྤྱོད་གཏོང་མཁན་ཞིག་ལ་ཉར་ཚགས་དང་བེད་སྤྱོད་གཏོང་དུ་བཅུག་པ།

༣༽ཤར་ཕྱོགས་སྒྱུ་རྩལ་དང་རིག་གཞུང་ཐེབས་རྩ་ཚོགས་པས་ཡིག་ཐོག་ཏུ་ཆོག་མཆན་མ་སྤྲད་པར། ནང་དོན་གྲུབ་ཆའི་བརྗོད་དོན་གྱི་རྒྱུ་ཆ་རྣམས་བརྒྱུད་ལམ་གཞན་དུ་ཡོད་པར་བཟོ་པའམ་དེ་ལས་དྲངས་པའི་ལས་གཞི་སྤེལ་པ།

༤༽གྲུབ་ཆ་རྣམས་འགྱུར་བ་གཏོང་བའམ། བསྐྱར་བཅོས་བྱེད་པ། མི་འདྲ་བ་བཟོ་པ།

༥༽ཚོང་གི་ཁེ་ཕན་གྱི་ཆེད་དུ་ནང་དོན་གྲུབ་ཆ་གང་ཡང་བསྐྱར་དུ་དཔར་སྐྲུན་བྱེད་པའམ་བེད་སྤྱོད་ལོག་པ་གཏོང་བ།

༦༽དྲ་རྒྱ་འདི་བེད་སྤྱོད་བྱེད་ཕྱོགས་ལ་བརྟེན་ནས་གཞན་གྱིས་དྲ་རྒྱ་འདི་བེད་སྤྱོད་བྱེད་པར་བར་ཆད་བྱེད་པའམ། འགལ་རྐྱེན་བྱེད་པ། དམ་བསྒྲགས་བྱེད་པ།

༧༽བདེན་པ་མིན་པ་དང་། བཙན་ཤེད། དམའ་འབེབས། འཇིགས་སྐུལ། མི་མཛེས་པ། ཁྲིམས་མཐུན་མིན་པའམ་ཡང་ན་མི་གང་རུང་གིས་ཐོབ་ཐང་རྡོག་རོལ་ཏུ་གཏོང་བའི་ནང་དོན་གྲུབ་ཆ་རྣམས་དྲ་རྒྱ་འདིའི་བརྒྱུད་ཡར་འཇུག་པའམ། འགྲེམས་སྤེལ་བྱེད་པ།

༨༽དྲ་རྒྱ་འདིའི་ཆ་ཤས་སུ་གཏོགས་པའི་མཉེན་ཆས་དང་། གཞན་གྱི་གསང་ཚིག་གམ་ཡིག་གཟུགས་སོགས་གང་ཡང་རུང་བ་ལུགས་མཐུན་མིན་པས་བཅོས་བསྐྲུན་བྱེད་པ་དང་། གཤིག་པ། པར་ཤུས་བྱེད་པ། འགྱུར་བ་གཏོང་བའམ།

༩༽དྲ་རྒྱ་འདིའི་བརྒྱུད་ནད་འབུ་ཕྲ་མོ། (virus) འབུ་སྲིན། (worm) ཊྲོ་ཇན་ཧོར་སི། (trojan horse) སོགས་གནོད་ཚབས་ཆེ་བའི་དྲ་འབུ་གཏོང་ཐབས་བྱེད་པ་དང་།

༡༠༽དྲ་རྒྱ་འདིའི་ནང་དུ་ཡོད་པའི་ནང་དོན་རྣམས་དང་དྲ་རྒྱ་འདི་བེད་སྤྱོད་བྱེད་མཁན་གཞན་ཞིག་ནས་བཅུག་པའི་ནང་དོན་རྣམས་འགྱུར་བ་གཏོང་བ་དང་། བཅོས་པ། སུབ་པ། ཐེ་བྱུས་བྱེད་པ། བེད་སྤྱོད་ལོག་པར་བྱེད་པ།

དྲ་རྒྱ་འདིའི་ནང་གི་ཤེས་ཡོན་མཐུན་རྐྱེན་དང་མཉེན་ཆས་ཀྱི་མཉམ་དུ་གློག་རྡུལ་གྲུབ་ཆ་རྣམས་སྲུང་སྐྱོབ་བྱེད་པའི་ཉེན་སྲུང་མཉེན་ཆས་བཅུག་སྲིད་པ་དང་། ནང་དོན་གྲུབ་ཆ་འདི་དག་གི་བེད་སྤྱོད་གཏོང་ཕྱོགས་ནི་ཤར་ཕྱོགས་སྒྱུ་རྩལ་དང་རིག་གཞུང་འཐེབ་རྩ་ཚོགས་པ། ཚོགས་པ་འདིའི་ཚོང་འབྲེལ་ཟླ་གྲོགས་དང་ནང་དོན་སྤྲོད་མཁན་ཚོས་གཏན་འབེབས་བྱས་པའི་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་འགྲོ་དགོས་པ་ཁྱེད་ཚོས་ཤེས་དགོས། དྲ་རྒྱ་འདིའི་ནང་ཡོད་པའི་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་རྣམས་ལས་འགལ་བ་དང་དེ་དག་ལས་གཡོ་ཐབས་བྱེད་མི་ཆོག

གལ་སྲིད་ཆོག་མཆན་ཡོད་པའི་བེད་སྤྱོད་བྱེད་མཁན་ཞིག་ནས་སྒྲིག་གཞི་ཆ་རྐྱེན་འདི་དག་ལ་རིམ་གྱིས་རྩིས་མེད་བྱས་ན་ཚོགས་ཞུགས་པ་དེ་ཡིས་ནང་དོན་གྲུབ་ཆ་རྣམས་ལ་འཛུལ་ཞུགས་དང་བེད་སྤྱོད་བྱེད་པའི་ཐོབ་ཐང་དེ་ཕྱིར་བསྡུ་བྱེད་རྒྱུའི་དབང་ཚད་ཤར་ཕྱོགས་སྒྱུ་རྩལ་དང་རིག་གཞུང་ཐེབས་རྩ་ཚོགས་པས་ཟུར་ཉར་བྱེད་རྒྱུ་ཡིན།

གལ་སྲིད་གང་ཟག་སྒེར་རམ་ཚོགས་པ་ཞིག་གིས་གནའ་བོའི་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་རིག་མཛོད་དྲ་རྒྱ་འདིར་འཛུལ་ཞུགས་བྱེད་མི་ཐུབ་པའམ་བྱེད་པར་དཀའ་ངལ་ཕྲད་ཀྱིན་འདུག་ན་དེ་འདྲའི་དཀའ་རྙོག་དེ་སེལ་ཆེད་ང་ཚོས་དེབ་སྐྱེལ་ཁ་བྱང་དེར་འཛུལ་ཞུགས་བྱས་ནས་འཛིན་སྐྱོང་བྱེད་པར་ཁྱེད་ཀྱིས་ཆོག་མཆན་སྤྲོད་དགོས། དེབ་སྐྱེལ་ཁ་བྱང་དེར་འཛིན་སྐྱོང་བྱེད་ཆེད་འཛུལ་ཞུགས་བྱེད་པའི་ཐོབ་ཐང་ནི་ཤར་ཕྱོགས་སྒྱུ་རྩལ་དང་རིག་གཞུང་ཐེབས་རྩ་ཚོགས་པའི་ཆེད་མངགས་ལས་བྱེད་དང་ཡང་ན་ཚོགས་པ་འདི་ཡི་ཆེད་དུ་ལས་ཀ་བྱེད་མཁན་ཀྱི་རྒྱས་བཅད་བྱས་པའི་གང་ཟག་གམ་ཚོགས་པ་གཞན་ལ་མ་གཏོགས་མེད།

དེབ་སྐྱེལ་དང་འཛུལ་ཞུགས་བེད་སྤྱོད་བྱེད་ཕྱོགས།

ནང་དོན་གྲུབ་ཆ་རྣམས་ལ་ཆོག་མཆན་ཐོབ་པའི་བེད་སྤྱོད་བྱེད་མཁན་ཞིག་ཆགས་པར། གནའ་བོའི་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་རིག་མཛོད་དྲ་རྒྱར་གློག་ཕྲིན་གྱི་ཐོག་ནས་ ཁྱེད་དམ་ཁྱེད་ཀྱི་ཚོགས་པར་ཚོགས་ཞུགས་ཚད་ལྡན་ཞིག་ཐོབ་དགོས། རྒྱ་བལ་འབྲུག་གསུམ་དང་། རྒྱ་ནག སོག་པོར་ཡོད་པའི་སྒེར་གྱི་ལྷ་བྲིས་པའམ་བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གཙུག་ལག་ཁང་བཅས་ལ་གནས་སྐབས་བེད་སྤྱོད་བྱེད་པར་བཀག་སྡོམ་བྱས་ཡོད།

གལ་སྲིད་ཚོགས་པ་གང་ཞིག་ནས་རེ་སྐུལ་ཞུས་པའམ་སྔོན་དུས་ནས་ཆོག་མཆན་ལག་འཁྱེར་སྤྲད་ཡོད་ན་ང་ཚོས་ཚོགས་པ་དེར་གནའ་བོའི་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་རིག་མཛོད་ཀྱི་ཁ་བྱང་དེ་ཚོགས་སྡེ་གཞན་གཅིག་གམ་མང་བར་འཛིན་སྐྱོང་བྱེད་པའི་ཆོག་མཆན་སྤྲད་ཆོག་པའི་ཐོབ་ཐང་སྤྲོད་སྲིད། དེ་འདྲའི་ཚོགས་སྡེ་གཞན་གྱི་ནང་དུ་ཤར་ཕྱོགས་སྒྱུ་རྩལ་དང་རིག་གཞུང་ཐེབས་རྩ་ཚོགས་པས་བགོས་པའི་ཚོགས་སྡེ་དང་། ཤར་ཕྱོགས་སྒྱུ་རྩལ་དང་རིག་གཞུང་ཐེབས་རྩ་ཚོགས་པའི་ལས་བྱེད་གང་རུང་། ཡང་ན་ཤར་ཕྱོགས་སྒྱུ་རྩལ་དང་རིག་གཞུང་ཐེབས་རྩ་ཚོགས་པའི་ཆེད་དུ་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་བཅས་ཚུད་སྲིད། འདི་འདྲའི་ཚོགས་སྡེ་གཞན་ཚང་མས་བེད་སྤྱོད་ཁ་བྱང་རྣམས་གསང་བ་བྱས་ནས་ཉར་དགོས་པ་མ་ཟད་འབྲེལ་བ་ཡོད་ཚེ་འདིར་བཀོད་པའི་བེད་སྤྱོད་ཀྱི་ཆ་རྐྱེན་སྒྲིག་གཞི་རྣམས་ཀྱང་སྲུང་རྩི་ཞུ་དགོས།

མཉམ་གནས། ས་ཕྱོགས་གཅིག ས་ཕྱོགས་མང་པོའི་ཆོག་མཆན་ལག་འཁྱེར།

མཉམ་གནས། ས་ཕྱོགས་གཅིག ས་ཕྱོགས་མང་པོའི་ཆོག་མཆན་ལག་འཁྱེར་ཡང་ཐོབ་རུང་།

ས་ཕྱོགས་གཅིག་ཞེས་པའི་གོ་དོན་ནི། ཚོགས་པའམ་སྒྲིག་འཛུགས་ཤིག་གི་ཕྱིའི་ས་ཆའི་ཁོར་ཡུག་ཞིག་གི་ནང་དུ་ཁང་པ་མང་པོ་ཡོད་ཅིང་ཚོགས་པ་དེའི་ཉེན་སྲུང་བྱེད་ཐུབ་པའི་དྲ་རྒྱའི་ལམ་ནས་འཛུལ་ཞུགས་བྱེད་པའི་བེད་སྤྱོད་གཏོང་མཁན་ཚད་མེད་ཡོད་པའི་ཕྱིའི་སྣོད་ཀྱི་ཁོར་ཡུག་ཅིག་ལ་ཟེར།

ཚོགས་པ་དེ་ཡི་ཡན་ལག་ཏུ་གྱུར་བའི་ཐག་རིང་གི་ས་ཆ་རྣམས་ནི་ང་ཚོས་ཚོགས་པ་གཞན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཡང་ན་སོ་སོར་ཆོག་མཆན་ལག་འཁྱེར་ལོགས་སུ་ཞུ་དགོས་པ་དང་ཚོགས་པ་ལྟེ་བ་དེ་ཡིས་སོ་སོའི་ཡན་ལག་ཚང་མའི་ཆེད་དུ་ས་ཕྱོགས་མང་པོར་ཁྱབ་པའི་ཆོག་མཆན་ལག་འཁྱེར་ཞུ་དགོས། ཚོགས་པའི་དྲ་རྒྱ་གཏོང་མཁན་གྱི་རྩིས་འཕྲུལ་ཆོག་མཆན་ཡོད་པའི་སློབ་ཕྲུག་དང་། ལས་བྱེད། ཡང་ན་ཚོགས་པ་དེ་དང་འབྲེལ་ཡོད་ཀྱི་དགེ་རྒན་བཅས་ལ་ངོས་འཛིན་ཁུངས་སྐྱེལ་བྱས་རྗེས་སུ་གནས་ཚུལ་གསབ་ལེན་བྱེད་མཁན་གྱི་དྲ་རྒྱ་གཏོང་མཁན་གྱི་རྩིས་འཕྲུལ་(proxy server) ཞིག་གིས་བརྒྱུད་ནས་འཛུལ་ཞུགས་བྱེད་ཆོགས་ཐག་རིང་པའི་སློབ་གཉེར་བ་རྣམས་ལ་ཆོག་མཆན་ལག་འཁྱེར་ཡོད་པའི་སྒྲིག་འཛུགས་དེ་ཡིས་གནས་ཚུལ་གསབ་ལེན་བྱེད་མཁན་གྱི་དྲ་རྒྱ་གཏོང་མཁན་གྱི་རྩིས་འཕྲུལ་བརྒྱུད་ངོས་འཛིན་ར་སྤྲོད་ངེས་པར་དུ་བྱེད་དགོས།

དེབ་སྐྱེལ་མཁན་གྱི་ཁ་བྱང་དང་། གསང་ཚིག ཉེན་སྲུང།

དེབ་སྐྱེལ་བྱས་པའི་རྗེས་སུ་ཁྱེད་ལ་གསང་ཚིག་དང་། དེབ་སྐྱེལ་ཁ་བྱང་བཅས་འབྱོར་གྱིས་རེད། གསང་ཚིག་དང་དེབ་སྐྱེལ་ཁ་བྱང་གི་གསང་བ་སྲུང་རྒྱུའི་ལས་འགན་དང་ཁྱེད་ཀྱི་དེབ་སྐྱེལ་ཁ་བྱང་དང་གསང་ཚིག་བེད་སྤྱོད་བྱས་ནས་སྤེལ་བའི་ལས་འགུལ་རྣམས་ཀྱི་འགན་ལེན་ཡོངས་རྫོགས་ཁྱེད་ལ་ཡོད། ཀ། ཆོག་མཆན་མེད་པར་ཁྱེད་ཀྱི་གསང་ཚིག་དང་དེབ་སྐྱེལ་ཁ་བྱང་བེད་སྤྱོད་བཏང་བའི་གནས་ཚུལ་བྱུང་བའམ་ཉེན་སྲུང་འགལ་བ་སོགས་བྱུང་ན་ཁྱེད་ཀྱིས་ཕྲལ་དུ་ཤར་ཕྱོགས་སྒྱུ་རྩལ་དང་རིག་གཞུང་འཐེབ་རྩ་ཚོགས་པར་གསལ་བརྡ་བྱེད་རྒྱུར་མོས་མཐུན་བྱེད་པ་དང་། ཁ། བེད་སྤྱོད་ཀྱི་དུས་ཡུན་རྫོགས་པ་དང་དེབ་སྐྱེལ་ཁ་བྱང་ནས་ཕྱིར་ཐོན་བྱེད་རྒྱུའི་མོས་མཐུན་བྱེད་དགོས།

སྒེར་གྱི་གནད་དོན།

ཁྱེད་ཀྱིས་དྲ་རྒྱ་འདིའི་བརྒྱུད་ང་ཚོར་སོ་སོའི་སྒེར་གྱི་གནས་ཚུལ་རྣམས་སྤྲད་ན་ང་ཚོས་སྒེར་གྱི་གནད་དོན་གཞིར་བཟུང་གིས་དེ་རིགས་སྒེར་གྱི་གནས་ཚུལ་རྣམས་ཉར་ཚགས་བྱེད་པ་དང་། བསྡུ་འཇུག་བྱེད་པ། བེད་སྤྱོད་བྱེད་པ་བཅས་ལ་ཁྱེད་ཀྱིས་མོས་མཐུན་བྱས་པ་མཚོན་གྱི་ཡོད།

འགན་ཁུར་མེད་པ་དང་འགན་ལེན་གྱི་ས་མཚམས།

དྲ་རྒྱ་འདི་ནི་ཤར་ཕྱོགས་སྒྱུ་རྩལ་དང་རིག་གཞུང་ཐེབས་རྩ་ཚོགས་པའི་གནས་ཚུལ། ང་ཚོའི་ཤེས་ཡོན་གྱི་རིག་མཛོད་དང་ཞབས་འདེགས་བཅས་ཀྱི་སྐོར་གྱི་གནས་ཚུལ་རྣམས་སྤེལ་བའི་ཆེད་དུ་གོ་སྒྲིག་ཞུས་པ་རེད།

དྲ་རྒྱའི་རང་བཞིན་ལ་བརྟེན་ནས་བེད་སྤྱོད་གཏོང་མཁན་རྣམས་ལ་དྲ་རྒྱ་འདི་དང་འབྲེལ་མཐུད་བྱས་པའི་དྲ་རྒྱ་གཞན་རྣམས་དུས་རྟག་ཏུ་བེད་སྤྱོད་གཏོང་ཐུབ་པའི་ཁས་ལེན་ང་ཚོས་ཞུ་མི་ཐུབ། དྲ་རྒྱ་བེད་སྤྱོད་བྱེད་སྐབས་ནད་འབུ་ཉེས་འགོག་དང་དེ་བཞིན་འབྲེལ་ཡོད་ཀྱི་སྲུང་སྐྱོབ་ཆ་རྐྱེན་རྣམས་ངེས་པར་དུ་མཁོ་སྒྲུབ་བྱེད་དགོས།

དྲ་རྒྱ་འདི་དང་འདི་ཡི་ནང་དུ་ཡོད་པའི་གནས་ཚུལ་དང་ནང་དོན་གྲུབ་ཆ་གང་འདྲ་ཞིག་ཡིན་ཡང་། ཁྱེད་ཀྱིས་ནང་དོན་གྲུབ་ཆ་རྣམས་“ཇི་ལྟར་ཡོད་པ་”དང་“ཇི་ལྟར་ཐོབ་པ་”གཞིར་བཟུང་ཁས་ལེན་བྱེད་པ་ཁོ་ནར་གཞི་བཅོལ་ནས་ང་ཚོས་འགྲེམ་སྤེལ་ཞུ་གི་ཡོད། འདིར་ཡོད་པའི་གནས་ཚུལ་དང་ནང་དོན་གྲུབ་ཆ་རྣམས་ལ་རེ་དགོས་བྱུང་ན་གྲུབ་འབྲས་གང་བྱུང་གི་འགན་ལེན་ཚང་མ་སོ་སོས་བླངས་པའི་ཐོག་ནས་བྱེད་དགོས་པ་དང་། ཁྲིམས་བཅད་ཀྱི་བརྒྱུད་ནས་བྱུང་བའི་ཁྲིམས་ལུགས་དང་། ཁྲིམས་བཟོ་ལྷན་ཁང་གིས་གཏན་འབེབས་བྱས་པའི་ཁྲིམས་ལུགས། དེ་བཞིན་ཚོང་གཉེར་བ་དང་ཕན་ཚུན་འབྲེལ་ལམ་གྱི་སྒོ་ནས་བྱུང་བའི་ཁྲིམས་ལུགས་གང་རུང་གིས་ཐོག་ནས་གཏན་འབེབས་བྱུང་བའི་འགན་ཁག་དང་ཆ་རྐྱེན་རྣམས་ཁྱེད་ཀྱིས་ཁྲིམས་མཐུན་ཐོག་ཇི་ཙམ་རྩིས་མེད་བྱེད་ཆོག་པ་དེ་ཙམ་དུ་འགན་ཁག་མེད་པའམ་རྩིས་མེད་བྱེད་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད་རེད།

དྲ་རྒྱ་འདི་དང་འབྲེལ་མཐུད་བྱས་པའི་དྲ་རྒྱ་གཞན་རྣམས་ཕན་ནུས་མེད་པའམ་བེད་སྤྱོད་བྱས་པ་དང་། དྲ་རྒྱ་འདིའི་ནང་དོན་ལ་གཞི་བཅོལ་བ་དང་འདིའི་བརྒྱུད་ནས་ནང་དོན་གྲུབ་ཆ་རྣམས་བེད་སྤྱོད་བྱས་པ་ལ་བརྟེན་ནས་བྱུང་བའི་ཕམ་ཉེས་དང་ཆག་སྐྱོན་གང་བྱུང་བ་རྣམས་ལ་ཁྲིམས་ཀྱིས་ཇི་ཙམ་འགན་ཁག་བྱེད་མི་དགོས་པ་སྲིད་པའི་དེ་ཙམ་དུ་ང་ཚོས་འགན་ཁག་མེད་པ་བྱེད་ཀྱིས་ཡོད། དྲ་རྒྱ་འདི་བེད་སྤྱོད་བྱས་པ་ལ་བརྟེན་ནས་མི་དང་ཚོགས་པ་གཞན་གྱི་ཐོབ་ཐང་ལ་རྡོག་རོལ་མི་བྱེད་པ་དང་། ནད་འབུ་དང་སྐྱོན་དང་བྲལ་བ་ཡོང་བ། དྲ་རྒྱ་བེད་སྤྱོད་བྱས་པ་ལ་བརྟེན་ནས་མཉེན་ཆས་གཞན་དང་དྲ་རྒྱ་འདིར་འཛུལ་ཞུགས་བྱེད་པའི་མཉེན་ཆས་ལ་མི་གནོད་པ་ཡོང་བ་བཅས་ཀྱི་འགན་ཁག་ང་ཚོས་ལེན་གྱི་མེད། དངོས་སུ་བཀོད་ཡོད་ན་མ་གཏོགས་དྲ་རྒྱ་འདིའི་ཐོག་སྤེལ་བའི་བསམ་ཚུལ་རྣམས་ནི་སྤེལ་མཁན་དོ་བདག་སོ་སོའི་བསམ་ཚུལ་ཡིན་པ་ལས་ཤར་ཕྱོགས་སྒྱུ་རྩལ་དང་རིག་གཞུང་གི་ཐེབས་རྩ་ཚོགས་པའི་བསམ་ཚུལ་མིན། དེ་འདྲའི་བསམ་ཚུལ་དང་བསམ་ཚུལ་ལས་བྱུང་བའི་ཐོབ་ཐང་རྩོད་ལེན་གང་བྱུང་བ་རྣམས་ཀྱི་འགན་ཁག་ནི་ཤར་ཕྱོགས་སྒྱུ་རྩལ་དང་རིག་གཞུང་ཐེབས་རྩ་ཚོགས་པར་མེད།

འབྲེལ་མཐུད།

དྲ་རྒྱ་འདི་ནས་གཞན་ལ་འཛུལ་ཞུགས་བྱེད་ཆེད་ཀྱི་འབྲེལ་མཐུད་ཐག་པ་སྤྲད་ཡོད་པ་ནི་བེད་སྤྱོད་གནང་མཁན་རྣམས་ལ་སྟབས་བདེ་ཡོང་པའི་ཕྱིར་ཡིན་པ་ལས། དྲ་རྒྱ་དེ་དག་ལ་ང་ཚོས་སྟངས་འཛིན་བྱེད་མི་ཐུབ་པ་དང་དེ་ལ་བརྟེན་ནས་འབྲེལ་མཐུད་བྱས་པའི་དྲ་རྒྱ་གཞན་གྱི་ནང་དོན་ཐད་འགན་ལེན་དང་འགན་ཁག་གང་ཡང་བྱེད་ཐུབ་ཀྱི་མེད། འབྲེལ་མཐུད་བྱས་པའི་དྲ་རྒྱ་གང་ལ་ཡང་ང་ཚོས་རྒྱབ་གཉེར་སྤྲོད་ཐུབ་ཀྱིས་མེད་ལ། ཤར་ཕྱོགས་སྒྱུ་རྩལ་དང་རིག་གཞུང་ཐེབས་རྩ་ཚོགས་པས་རྒྱབ་གཉེར་བྱས་པའམ་ཆོག་མཆན་སྤྲད་པ་མཚོན་གྱིས་མེད།

ཁྲིམས་ཀྱི་ཁྱབ་ཁོངས།

དྲ་རྒྱ་འདི་དང་འདིའི་བེད་སྤྱོད་ཀྱི་ཆ་རྐྱེན་སྒྲིག་གཞི་རྣམས་ནི་དཔྱིན་ཇིའི་ཁྲིམས་ལུགས་གཞིར་བཟུང་ལྟར་བཟོས་པ་དང་དེ་གཞིར་བཟུང་འཛིན་སྐྱོང་བྱེད་ཀྱིས་ཡིན། དྲ་རྒྱ་འདིར་འཛུལ་ཞུགས་བྱས་པའམ་བེད་སྤྱོད་བྱས་པ་ལས་བྱུང་བའི་ཁ་མཆུ་རྩོད་གླེང་གང་བྱུང་ཡང་དབྱིན་ཇིའི་ཁྲིམས་ཁང་སོགས་ནས་ཁྲིམས་ཀྱི་ཁྱབ་ཁོངས་སུ་ཁྲིམས་ཐག་གཅོད་རྒྱུ་རེད།